情歌

情歌的吉他谱

暂无该歌曲的吉他谱,欢迎求谱发谱

情歌的歌词

བྱ་དེ་ཁྲུང་ཁྲུང་དཀར་པོ།།
གཤོག་རྩལ་ང་ལ་གཡོར་དང།།
ཐག་རིང་རྒྱང་ལ་མི་འགྲོ།།
ལི་ཐང་བསྐོར་ནས་སླེབ་ཡོང།།
ཐག་རིང་རྒྱང་ལ་མི་འགྲོ།།
ལི་ཐང་བསྐོར་ནས་སླེབ་ཡོང།།
ཧ.......
ཐག་རིང་རྒྱང་ལ་མི་འགྲོ།།
ལི་ཐང་བསྐོར་ནས་སླེབ་ཡོང།།

རྒྱ་གར་ཤར་གྱི་རྨ་བྱ།།
ཀོང་ཡུལ་མཐིལ་གྱི་ནེ་ཙོ།།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།།
འཛོམས་པ་ཆོས་འཁོར་ལྷ་ས།།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།།
འཛོམས་པ་ཆོས་འཁོར་ལྷ་ས།།
ཧ.......
འཁྲུངས་ས་འཁྲུངས་ཡུལ་མི་གཅིག།།
འཛོམས་པ་ཆོས་འཁོར་ལྷ་ས།།

ལྕང་མ་བྱེའུར་སེམས་ཤོར།།
བྱེའུ་ལྕང་མར་སེམས་ཤོར།།
སེམས་ཤོར་མཐུན་པ་བྱུང་ན།།
བྱ་ཁྲ་ཧོར་པས་མེ་ཐུབ།།
སེམས་ཤོར་མཐུན་པ་བྱུང་ན།།
བྱ་ཁྲ་ཧོར་པས་མེ་ཐུབ།།
ཧ.......
སེམས་ཤོར་མཐུན་པ་བྱུང་ན།།
བྱ་ཁྲ་ཧོར་པས་མེ་ཐུབ།།
ཧ.......
སེམས་ཤོར་མཐུན་པ་བྱུང་ན།།
བྱ་ཁྲ་ཧོར་པས་མེ་ཐུབ།།

更多

推荐吉他谱